时时彩0369

时时彩0369 你的位置:时时彩0369 > 新闻动态 >

དབྱར་དུས་ལ་འབྱུང་མང་བའི་ནད་རིགས་གཙོ་བོ་འགའ།

发布日期:2025-07-25 00:30    点击次数:147

དབྱར་དུས་ལ་འབྱུང་མང་བའི་ནད་རིགས་གཙོ་བོ་འགའ།

རྒྱུ་ཚད།

1

ནད་རྟགས། རྒྱུན་པར་ཕོ་བ་ན་བ་དང་འཁྲུ་བ། སྐབས་སུ་ཚ་རྒྱག་པ།

展开剩余84%

2

སྔོན་འགོགམི་སྒེར་གྱིས་འཕྲོད་བསྟེན་ཀྱི་གོམས་གཤིས་བཟང་པོ་རྒྱུན་སྲུང་རྒྱུན་འཁྱོངས་དགོས་པ་དང་ལག་པ་ཡང་ཡང་བཀྲུ་དགོས། བཟའ་བཏུང་དང་འཐུང་ཆུའི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པ་དང་། བསིལ་ལ་ལྕི་བའི་ཟས་རིགས་མི་བསྟེན་པའམ་ཉུང་དུ་བསྟེན་པ། ལག་ཁྱེར་མེད་པའི་འཚོང་བ་དང་ཚོང་ཁང་གི་བཟའ་བཏུང་རིགས་མི་བསྟེན་པ། སྔོ་ཚལ་དང་ཆུ་ཀུབ། ཤིང་ཏོགསོགས་གཙང་མར་བཀྲུས་རྗེས་སུ་བསྟེན་ཧ་དགོས་པ་དང་། ཆུ་གནས་ཀྱི་ཟས་རིགས་དང་བཟའ་ཆསགཞན་དག་གཡོས་སྦྱོར་སོགས་བྱས་ནས་འཕྲོད་བསྟེན་ཀྱི་བླང་བྱའི་རེ་བ་དང་མཐུན་པར་སྤྱོད་པ། ཆུ་གྲང་མི་འཐུང་པ་བཅས་སོ།།

པགས་ནད།

1

ནད་རྟགས།དབྱར་དུས་ལ་རྔུལ་ཆུ་ཟགས་ཐོན་མང་བ་དང་སྨུག་ཕྱིའི་སྨུག་ཐིག་དྲག་པོ་ཡོད་པས། པགས་ནད་སློང་སླ་བ་སྟེ། དཔེར་ན་ཚ་འབྲུམ་དང་། བརླན་འབྲུམ་། ཆུ་བུར་འབྲུམ་པ། ཉི་འོད་རང་བཞིན་གྱི་པགས་ཚད་དང་འབུ་སོ་བཏབ་རང་བཞིན་གྱི་པགས་ཚད་སོགས་ཡིན། ཚ་འབྲུམ་གྱི་མངོན་ཚུལ་ནི་ཚགས་དམ་པའི་ཁབ་རྩེ་ཆེ་ཆུང་གི་ཐོར་བ་སམ་ཆུ་བུར་འབྱུང་བ་ཡིན་ལ། ཟ་འཕྲུག་ལངས་པ་དང་ཡང་ན་ཚ་ཟུག་འབྱུང་བ་ཡོད། རློན་འབྲུམ་གྱི་མངོན་ཚུལ་ནི་རྒྱུན་དུ་སྐྱི་པགས་དམར་ཁྲ་དང་། ཆུ་བུར་འབྱུང་བའམ་ཟེགས་པ། རྨ་མདུད་སོགས་འབྱུང་ལ། ཟ་འཕྲུག་དྲག་པོ་འབྱུང་བ་ཡིན། པགས་ནད་ཆུ་བུར་ཅན་ལ་ཚོམ་འདུས་རང་བཞིན་གྱི་ཆུ་བུར་འབྱུང་སྲིད་པ་དང་། དབང་རྩ་བརྒྱུད་ནས་ཁྱབ་པ་དང་ན་ཟུག་མངོན་གསལ་ཡིན། ཉི་འོད་རང་བཞིན་གྱི་པགས་ཚད་ཀྱི་མངོན་ཚུལ་ནི་ཆ་ཤས་ཀྱི་པགས་པ་དམར་པ་དང་། ན་ཟུག་འབྱུང་བ། སྐྲངས་པ། པགས་པའི་དྲོད་ཚད་མཐོ་རུ་འགྲོ་བ་སོགས་ཡིན། འབུའི་སོ་བཏབ་རང་བཞིན་གྱི་པགས་ཚད་ལ་དམར་སྐྲངས་དང་དམར་ཁྲ་། ཆུ་བུར་སོགས་འབྱུང་སྟེ། ཆ་ཤས་རྒྱུན་ལྡན་མིན་པའི་ཟ་འཕྲུག་འབྱུང་སྲིད།

2

སྔོན་འགོགཔགས་པ་གཙང་མ་དང་སྐམ་པོ་ཡིན་པ་རྒྱུན་སྲུང་རྒྱུན་འཁྱོངས་བྱེད་པ། ཉི་ཟེར་གྱི་དུག་ཕག་པར་འཛེམ་པ། དབུགས་རྒྱུ་བདེ་བའི་གྱོན་ཆས་གྱོན་དགོས། དུག་སྦྲང་ཅུང་མང་བའི་ས་ཆར་དུག་སྦྲང་འདེད་སྨན་བཀོལ་ནས་དུག་སྦྲང་ཀྱིས་སོ་བཏབ་པར་སྔོན་འགོག་བྱེད་ཆོག

མིག་ནད།

1

ནད་རྟགས།དབྱར་དུས་གྱི་སྨུག་ཕྱིའི་འོད་ཐིག་གི་འགྱེད་འཕྲོ་དྲག་པོ་ཡོད་པས། མིག་སྐམ་པ་དང་། དམར་པོར་སྐྲངས་པ། ན་ཟུག་སོགས་མི་བདེ་བ་འབྱུང་སླ་བ་མ་ཟད། དེ་དང་འབྲེལ་མིག་མིག་ལྕིབས་ཚ་ཚད་དང་མིག་སྐྱིའི་ཚ་ཚད་སོགས་ཀྱི་ནད་རིགས་ཕོག་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

2

སྔོན་འགོགམིག་གི་འཕྲོད་བསྟེན་ལ་དོ་སྣང་བྱེད་དགོས་པ་དང་། དུས་ཡུན་རིང་པོར་གློག་རྡུལ་སྒྲིག་ཆས་མི་སྤྱོད་པ། དུས་བཅད་ལྟར་མིག་ངལ་གསོ་བྱེད་དགོས། ཉི་ཤེལ་གྱོན་ནས་སྨུག་ཕྱིའི་ཐིག་བཀག་པ། ཁང་བའི་ནང་གི་མཁའ་རླུང་གཤེར་ཚད་རྒྱུན་སྲུང་རྒྱུན་འཁྱོངས་ཡིན།

འགོས་ནད།

1

ནད་རྟགས། དབྱར་དུས་གྱི་དབུགས་དྲོད་མཐོ་བ་དང་། ནད་དུག་དང་ཕྲ་སྲིན་སྐྱེ་འཕེལ་མགྱོགས་པས། འགོས་ནད་ལ་ཆམ་རིམས་རིགས་འབྱུང་སླ་བ་རེད། ཆམ་རིམས་ཀྱི་མངོན་ཚུལ་གཙོ་བོ་ནི་ཚ་བ་རྒྱས་པ། མགོ་ན་བ། ཁྲུམ་སེར་ཁྱེར་བ། སྣ་འགག་པ། མིག་ཆུ་བཞུར་བ། གློ་ལུ་བ། གྲེ་བ་ན་བ། ལུས་ཡོངས་མི་བདེ་བ་སོགས་ཡིན།

2

སྔོན་འགོག མི་སྒེར་གྱི་འཕྲོད་བསྟེན་ལ་ཤུགས་སྣོན་རྒྱག་པ་དང་། འཚོ་བའི་གོམས་གཤིས་བཟང་པོ་རྒྱུན་སྲུང་རྒྱུན་འཁྱོངས་། བཟའ་བཏུང་བདེ་འཇགས་ལ་དོ་སྣང་བྱེད་པ། དུས་ཐོག་རིམས་འགོར་ཁབ་རྒྱག་པ་བཅས་བྱ་དགོས།

来源丨果洛州藏医院

发布于:北京市